
Rinpoche’s Blog
-
ས་ཟླའི་དུས་ཆེན་ཉིན་གྱི་སྨོན་ཚིག། – Prayer on the festival of Saga Dawa
Read more: ས་ཟླའི་དུས་ཆེན་ཉིན་གྱི་སྨོན་ཚིག། – Prayer on the festival of Saga Dawa༆མཁྱེན་བརྩེའི་མངའ་བདག་རྒྱལ་བ་ཤཱཀྱ་ཐུབ། །ཐུགས་རྗེའི་རང་བཞིན་དཔལ་ལྡན་རྫོགས་སངས་རྒྱས། ། གཞན་ཕན་འབྱུང་གནས་བྱམས་ཆེན་ལྷ་མིའི་སྟོན། །སྤངས་རྟོགས་མཐར་ཕྱིན་བཅོམ་ལྡན་ཁྱེད་ལ་འདུད། ། དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ། ལས་འབྲས་ཡིད་ཆས་རྙེད་པར་བྱིན་གྱིས་རློབས། །འཁོར་བའི་མཚང་ཆེན་རྟོགས་པར་བྱིན་གྱིས་རློབས།
