Blog

10 Year Anniversary of Danakosha Dharma Center

photo

སྔ་འགྱུར་རྙིང་མ་དྷ་ན་ཀོ་ཤའི་ཆོས་ཚོགས། Dhanakosha Ling 

༈ དེ་ཡང་འཛམ་གླིང་འདིར་གླིང་ཆེན་པོ་ལྔ་ཕྱེས་པའི་ཡ་གྱལ་ནུབ་ཕྱོགས་ཡོ་རོབ་གླིང་གི་གླིང་ཕྲན་ཕཱིན་ལཱནྜི་ (Finland) ཞེས་པ་དཔལ་ཤེས་རིག་དང་འབྱོར། འཕྲོད་བརྟེན་དང་་བཟང་སྤྱོད། ཞི་བདེ་དང་གུ་ཡངས་སོགས་གང་ཅིའི་ཐད་ནས་འཛམ་གླིང་གི་ཆེས་མཐོ་རིམ་དུ་བསྔགས་པའི་ལོ་རྒྱུས་ལྡན་པ། ཕྱོགས་ཀྱི་འཁོར་ཡུག་ཀུན་ཏུ་མཚོ་དང་རྫིང་བུ་དང་། རང་བྱུང་གི་མེ་ཏོག་སྣ་ཚོགས་དང་འབྲས་ལྡན་གྱི་ཤིང་སྣ་མང་པོས་ཕྱུར་བུ་བརྒྱན་པ། དབྱར་དུས་ཉིན་རིང་ལ་དྲོད་ཚད་སྙོམ་ཞིང་སྐྱེ་རྒུ་རྣམས་བག་ཡངས་དང་སྤྲོ་འཁྱམས་ལ་དགྱེས་པ། དགུན་དུས་ཉིན་ཐུང་ཞིང་གྲང་ངར་མཐོ་ཡང་རང་རང་གི་ལས་ལ་འབད་ཅིང་ལས་དོན་ལ་ཆོད་ཆེ་བ།དུས་བཞི་འགྱུར་འགྲོས་ཀྱིས་རང་བྱུང་གི་སྐྱེད་ཚལ་ལ་སྐྱེས་བུས་མ་བྱས་པའི་ཚོན་གྱིས་མདངས་འདྲ་མིན་འཕོ་བ། ས་གཡོ་རླུང་དགྲ་དང་ཆུ་ལོག་མེ་འཕྱུར་སོགས་རང་བྱུང་ཁམས་ཀྱི་གོ་ཆག་གཏན་ནས་མེད་པ།  དེར་གནས་པའི་སྐྱེ་བོ་རྣམས་ཤེས་རབ་ཆེ་ཞིང་ནོར་རྫས་ལ་འཛིན་ཆགས་ཆུང་བ། ཕན་ཚུན་བཀུར་བསྟི་དང་སེམས་སྲུང་ཆེ་ཞིང་འཁོན་འཛིན་དང་ཕྲག་དོག་ཆུང་བ། རང་གཞན་གཉིས་ཕན་གྱི་ལས་ལ་བརྩོན་གྱིས་ཕུག་འདུན་རིང་པོར་བལྟ་བའི་སྤྱན་རས་ཡངས་བ། ཡུལ་ལུང་གི་རྒྱལ་ཁྲིམས་ལ་གུས་ཞབས་ཆེ་ཞིང་ལོག་སྤྱོད་ཀྱི་རིགས་ལ་རྣམ་པར་ཀུན་ཏུ་འཛེམ་པ། སྤྱི་སེམས་དང་རང་རྒྱལ་ལ་བཅེས་འཛིན་ཆེ་ཞིང་གཞུང་གིས་ཀྱང་དམངས་ལ་སློབ་ཡོན་དང་སྨན་ཡོན་གྱིས་མཚོན་མཐུན་རྐྱེན་གང་དགོས་ཕུལ་བ། རྟག་ཏུ་འཚེ་མེད་ཞི་བདེའི་དཔལ་ལ་རོལ་ཞིང་འདོད་རྒུའི་ལོངས་སྤྱོད་རྒྱ་མཚོས་་ཡོངས་སུ་གཏམས་པའི་གླིང་འདིར། ཡུལ་གངས་ཅན་ནས་ཕེབས་པའི་བོད་ཀྱི་བླ་མ་ཞིག་གིས་གསར་དུ་བཙུགས་པའི་ཆོས་ཚོགས་དྷ་ན་ཀོ་ཤ་ཞེས་པ་བོད་བརྒྱུད་ནང་བསྟན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཞིག་ཏེ། བོད་རབ་བྱུང་བཅུ་བདུན་མེ་སྤྲེལ་ཧོ་ཟླ་དགུ་པ་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་དགེ་བའི་ཉིན་ཆོས་ཚོགས་དབུ་བརྙེས་ནས་ལོ་བཅུ་ཧྲིལ་པོ་འཁོར་པ་ལ། རྒྱ་སྤྱིའི་ལམ་སྲོལ་བཞིན་སྟོན་འཁོར་འདུས་པ་ལྷན་འཛོམས་ཀྱིས་བཀྲ་ཤིས་རྟེན་འབྱུང་གི་ཆོས་ཀྱི་བྱེད་སྒོ་མདོར་བསྡུས་ཤིག་སྤེལ་བ་དང་ལྷན་དུ་འདས་ཟིན་པའི་ལོ་བཅུའི་རིང་གི་ཆོས་མཛད་གལ་གྱི་ཆེན་རིགས་འགའ་ཤས་ལོ་རྒྱུས་པར་རིས་བཅས་གཤམ་གསལ་སྟབས་འབུལ་ཞུ་བ་ལ་ཀུན་གྱིས་དགྱེས་གཟིགས་ཡོད་པར་ཞུ།
Danakosha Dharma Center is a registered religious community in Finland. Danakosha is a Vajrayana Buddhist community in the Tibetan early translation school or Nyingma tradition. It was founded by a reincarnated Tibetan Buddhist master Tulku Dakpa Rinpoche, who is originally from Tibet, together with the sangha of Danakosha. We provide a place for Buddhist study and meditation in Finland, as well as for foreigners.

imgp0082

༧སྐྱབས་རྗེ་རིན་པོ་ཆེ་ཐོག་མར་དྷ་ན་ཀོ་ཤ་ཆོས་ཚོགས་ལ་ཕེབས་སྐབས། H.H. Kyabje Taklung Tsetrul Rinpoche visiting Finland for the first time.

Our teacher, Tulku Dakpa Rinpoche, has over the years tirelessly taught many sutras and commentaries of Indian and Tibetan masters, such as Aryadeva, Longchen Rabjam, Terdag Lingpa, Jigme Lingpa, and Mipham Rinpoche. Tulku Dakpa Rinpoche and the sangha of Danakosha have also invited many great Tibetan masters to Finland, such as His Holiness Kyabje Taklung Tsetrul Rinpoche, who was the sixth throne holder of the Ngayur Nyingma school, His Holiness the Sakya Trizin Rinpoche, Kyabje Khochhen Rinpoche, and Mindrolling Jetsun Khandro Rinpoche. Please see below the years and teaching subjects of these great masters.

kr_7255_2-copy

སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ། Kyabje Khochhen Rinpoche

སྤྱི་ལོ་ ༢༠༠༧ ལོར་སྟོན་འཁོར་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐྱབས་རྗེ་སྨིན་གླིང་མཁོ་ཁྱིམ་རིན་པོ་ཆེ་མཆོག་ཕེབས་ནས་འདུས་པ་ཡོངས་ལ་བཀའ་གཏེར་ཟུང་འཇུག་སྨིན་གླིང་རྡོར་སེམས་དང་ཉང་གི་རྟ་ནག་ལྕགས་རལ། ཚེ་སྒྲུབ་ཡང་སྙིང་ཀུན་འདུས་བཅས་ཀྱིས་བཀའ་དབང་བསྩལ་གནང་མཛད་།
The first teacher to visit Danakosha was Kyabje Khochhen Rinpoche, the director of Mindrolling Monastery, in 2007. Rinpoche kindly bestowed the empowerments of Hayagriva, Minling Dorsem, and Amitayus.

7249-2སྤྱི་ལོ་ ༢༠༠༨ ལོར་ཡོངས་ཀྱིདགེ་བའི་བཤེས་གཉེན་ཆེན་པོ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་བཞིན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་བླ་མ་གསང་འདུས་དང་། རིག་འཛིན་འཇིགས་བྲལ་གླིང་པའི་དགོངས་གཏེར་དབང་དྲག་རྟ་ཁྱུང་འབར་བ། ཀློང་སྙིང་སྔོན་འགྲོའི་ལྗགས་ཁྲིད། ཨྱོན་ཕྲིན་ལས་གླིང་པའི་ཟབ་གཏེར་ཚིག་བདུན་བླ་སྒྲུབ་ཀྱི་བཀའ་དབང་དང་། ལས་ཚོགས་བརྒྱ་རྩ་བརྒྱད་ཀྱི་ཁྲིད་ལུང་སོགས་སྨིན་གྲོལ་བཀླག་ལུང་བཅས་བསྩལ་གནང་མཛད།

hhtt6092a1H.H. Taklung Tsetrul Rinpoche In 2008 His Holiness graciously bestowed the empowerments of peaceful Padmasambhava, a treasure by Guru Chöwang; the empowerment of the Seven Line Prayer with a transmission of 108 different activities based on the Seven Line Prayer, a treasure by Apong Terton; and an empowerment of a wrathful form of Guru Rinpoche in the form of Vajrapani, Hayagriva and Garuda from Longchen Nyingthig.

སྤྱི་ལོ་༢༠༠༩ ལོར་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་སླར་ཡང་ཇི་ལྟར་གསོལ་བ་བཏབ་པ་བཞིན་གཏེར་བཏོན་ཐམས་ཅན་ཀྱི་ཐོག་མ་སངས་རྒྱས་གླིང་པའི་གཏེར་བྱོན་བླ་མ་དགོངས་འདུས། རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་གཏེར་བྱོན་བཀའ་བརྒྱད་རང་ཤར། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ཕུར་པ་ཡང་གསང་སྤྲུ་གྲི། རྫོགས་པ་ཆེན་པོ་ཀློང་ཆེན་ཐིག་སྙིང་གི་འཕོ་བའི་གདམས་ཁྲིད་དང་། རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའི་ཁྲིད་ལུང་བཅས་སྐལ་ལྡན་སློབ་ཚོགས་རྣམས་ལ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་མཛད།

fb_img_1439198942377

སྒྲུབ་སྡེ་རང་བྱུང་འོད་གསལ་དུ་སྐྱབས་རྗེ་རིན་པོ་ཆེས་འཁའ་གྲོའི་གད་རྒྱངས་གསུང་བཞིན་པ། At Rangjung Osel Retreat

In 2009 His Holiness Kyabje Taklung Tsetrul Rinpoche kindly bestowed the empowerments of Kagye or Eight Herukas from the Northern Treasures by Rigdzin Godem; Lama Gong Du or Embodiment of the Guru’s Heart by terton Sangye Lingpa,the first terton or treasure revealer in Tibet; Dorje Phurba or Vajrakilaya, a treasure by Guru Chowang and one of the main practices of Mindrolling Monastery; and teachings on Phowa from Longchen Nyingthig.
To some disciples His Holiness also gave the transmission of Yeshe Lama of Great Perfection by Rigdzin Jigme Lingpa.

ནུབ་ཕྱོགས་ཀྱི་བསྟན་པའི་སྒྲོན་མེ་མཁས་དབང་སྨིན་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་བཏབ་བཞིན་སྤྱི་ལོ་ ༢༠༡༠ ནས་༢༠༡༦ བར་ལོ་ལྟར་མཐར་ཆགས་སུ་ཕེབས་ནས་སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོའི་རིང་ལུགས་ཐེག་དགུའི་རྣམ་བཞག་ཞིབ་ཁྲིད་གནང་ནས་སློབ་ཚོགས་རྣམས་ལ་བཀའ་དྲིན་ཤིན་ཏུ་ལྕི།

jkr2015_cd2argb-2

སྨིན་གླིང་རྗེ་བཙུན་མཁན་འགྲོ་རིན་པོ་ཆེ། H.E. Mindrolling Khandro Rinpoche

Her Eminence Mindrolling Jetsun Khandro Rinpoche has been teaching in Finland almost every year since 2010, very generously giving precious dharma teachings. Over five years she completed a deep and profound step-by-step teaching of Nine yanas, a special tradition of Dzogchen teachings in Nyingma tradition, and gave many public lectures.

སྤྱི་ལོ་ ༢༠༡༠ ལོར་རྫོགས་ཆེན་ནས་མཁན་པོ་པདྨ་རང་བྱུང་ཆེད་དུ་གདན་ཞུས་ཀྱིས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒྲུབ་མཆོད་བདུན་སྒྲུབ་མཐོང་རྒྱུན་གྱི་ཕྱག་སྲོལ་བཞིན་བཙུགས་ནས་ལོ་ལྟར་མཐར་ཆགས་སྒྲུབ་མཆོད་ཚོགས་བཞིན་པ།

0-5

Receiving siddhis on the last day of the Drubchod.

In 2010 Danakosha organized the very first drubchod retreat in Finland, a Konchog Chidu drubchod of accomplishing the three roots of Padmasambhava, led by Tulku Dakpa Rinpoche together with his brother Venerable Khenpo Pema Rangjung from Dzogchen monastery.

konchogc2012_group1

Konchog Chidu Drupchod

སྤྱི་ལོ་༢༠༡༢ ལོར་སྐྱབས་རྗེ་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཕྱག་རྫོགས་ཟུང་འབྲེལ་གྱི་སྐོར་བཀའ་ཆོས་ཟབ་རྒྱས་བསྩལ་གནང་མཛད།
dpr101sIn 2012 His Eminence Dzogchen Ponlop Rinpoche kindly gave a public lecture on What is Buddhism and a teaching on the Union of Mahamudra and Dzogchen.

rt31རིས་མེད་ཀྱི་སྐྱེས་བུ་དམ་པ་རི་མགུལ་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་ཐར་ལམ་གྱི་སྙིང་པོ་བྱམས་པ་དང་སྙིང་རྗེའི་སྐོར་ལ་གསུང་ཆོས་གནང་།

In 2012 the rime master Ringu Tulku Rinpoche kindly gave a teaching on compassion and loving kindness, and bestowed the empowerment of Avalokiteshvara.

IMG_4330

སྤྱི་ལོ་ ༢༠༡༤ ལོར་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་སླར་ཡང་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕེབས་ནས་རིག་འཛིན་འཇའ་མཚོན་སྙིང་པོའི་ཟབ་གཏེར་རྩ་གསུམ་དཀོན་མཆོག་སྤྱི་འདུས་ཚེ་སྒྲུབ་དང་བཅས་པའི་དབང་དང་། རྒྱལ་ཁབ་འདིའི་ལྷོ་ཕྱོགས་ནས་ནུབ་ཕྱོགས་བར་དུ་ལེ་བར་ཉིས་སྟོང་བརྒལ་བར་ཞབས་ཀྱིས་བཅགས་ནས་ཡུལ་ཁམས་དགེ་ཞིང་སྐྱེ་རྒུ་བདེ་སྐྱིད་ཀྱི་རྩ་བ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་རྒྱལ་ཁབ་འདིས་མཚོན་ཡངས་བའི་རྒྱལ་ཁམས་ཀུན་ཏུ་དར་རྒྱས་ཡུན་གནས་ཡོང་བའི་ཐུགས་སྨོན་བཅས་བརྟན་གཡོ་ཀུན་ལ་་བྱིན་གྱིས་བརླབས།

IMG_4418

 

In 2014 His Holiness Kyabje Taklung Tsetrul Rinpoche kindly bestowed the empowerment of the entire Konchog Chidu: the peaceful, wrathful, and secret forms of Guru Rinpoche and the long life form of Guru Rinpoche, Orgyen Tsepagme. Moreover, Tulku Dakpa Rinpoche heartfeltly requested His Holiness to bless the whole of Finland, and he toured Finland by car with many Finnish sangha members for approximately 2000 kilometers between Helsinki in the south and Äkäslompolo inthe north. This was his last visit to Finland.

H.E. Khochhen Rinpoche

7179

སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་དྷ་ན་ཀོ་ཤར་ཕེབས་སྐབས།

སྤྱི་ལོར ༢༠༡༤ ལོར་སྔ་འགྱུར་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་སླར་ཡང་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕེབས་ནས་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་ཟབ་གཏེར་སྨིན་གླིང་རྡོར་སེམས་དང་བླ་སྒྲུབ་རིག་འཛིན་ཐུགས་ཐིག་གི་བཀའ་དབང་བསྩལ་གནང་མཛད།

In 2014 Kyabje Khochhen Rinpoche kindly bestowed the empowerments of Minling Dorsem and Rigdzin Thugthik, treasures by Terdag Lingpa.

0-7

དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དྷ་ན་ཀོ་ཤ་ཆོས་ཚོགས་སུ་ཕེབས་སྐབས་སུ།

 

བརྩེ་ཆེན་བསྟན་པ་རྒྱ་མཚོའི་མངའ་བདག་དཔལ་ས་སྐྱ་༧གོང་མ་བདག་ཁྲི་སྒྲོལ་མ་ཕོ་བྲང་ཆེན་པོ་མཆོག་གིས་ཨྱོན་ཕྲིན་ལས་གླིང་པའམ་ཨ་པཾ་གཏེར་བཏོན་གྱི་གཏེར་བྱོན་རྡོ་རྗེའི་ཚིག་བདུན་བླ་སྒྲུབ་ཀྱི་སྨིན་དབང་དང་འབྲེལ་བའི་གསུང་གི་བདུད་རྩིས་སྐལ་ལྡན་མང་པོར་དད་པའི་ས་ལ་བཀོད།།In 2016 His Holiness the Sakya Trizin bestowed the empowerment of Seven line prayer of Guru Rinpoche at Danakosha.

སྤྱི་ལོ་ ༢༠༡༦ ལོར་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་གསང་ཡུམ་སྐུ་ཞབས་དང་སྨིན་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ནས་དྷ་ན་ཀོ་ཤའི་ཆོས་ཚོགས་ཀྱི་ས་གཞི་གསར་པ་དྷ་ན་ཀོ་ཤ་གླིང་དུ་ཆེད་ཕེབས་ཀྱིས་བྱིན་བརླབས་དང་ཐུགས་སྨོན་ཟབ་རྒྱས་གནང་བ་བཅས་གོང་འཁོད་དམ་པ་མང་པོ་ཞིག་གནས་འདིར་གདན་འདྲེན་ཞུས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བཏབ་པའི་བདག་རྐྱེན་གྱིས་ཆོས་མེད་ཡུལ་ལ་ཆོས་ཀྱི་འོད་སྣང་ཅུང་ཟད་འཕྲོས་པར་སོམས་སོ།

mmexport1476705581664

 

 

 

 

 

 

In 2016 Mindrolling Sangyum Kushog, the་Sangyum of His Holiness Mindrolling Trichen Rinpoche, the eleventh throne holder of Mindrolling and the fourth throne holder of Nyingma school, blessed our new place Danakosha Ling with H.E. Mindrolling Jetsun Khandro Rinpoche and a retinue of many monks and nuns from Mindr

img_0385-1olling Monastery.

mmexport1476703262363

༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེའི་གསང་ཡུམ་སྐུ་ཞབས་མཆོག་དང་སྨིན་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས།

0-8

Lama Gomchen during the Konchog Chidu Drubchod

0-10

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒྲུབ་མཆོག་ཚོགས་བཞིན་པ། Konchog Chidu Drub

 

 

 

 

 

 

 

 

 

འདིར་སྨོན་པ།
རྩ་བརྒྱུད་རིག་འཛིན་རྒྱ་མཚོས་བྱིན་གྱིས་རློབས། །ཡི་དམ་དཔའ་བོ་རྒྱ་མཚོས་དངོས་གྲུབ་སྩོལ། །མ་སྲིང་མཁའ་འགྲོ་རྒྱ་མཚོས་ཕྲིན་ལས་སྒྲུབས། །བསྟན་སྲུང་ནོར་ལྷ་རྒྱ་མཚོས་མཐུ་དཔུང་བསྐྱེད། །རླབས་ཆེན་ཚོགས་གཉིས་རྒྱ་མཚོ་མྱུར་རྫོགས་ཤོག །བདེན་གཉིས་ཟབ་ལམ་རྒྱ་མཚོའི་དོན་རྟོགས་ཤོག།སྐུ་གཉིས་ཡོན་ཏན་རྒྱ་མཚོ་མངོན་གྱུར་ཤོག །ལུང་རྟོགས་བསྟན་པ་རྒྱ་མཚོ་སྤེལ་ནུས་ཤོག །བསྟན་རྩ་དགེ་འདུན་རྒྱ་མཚོ་བསྐྲུན་ནུས་ཤོག །རྣམ་དག་སྨོན་ལམ་རྒྱ་མཚོ་ཡོངས་རྫོགས་ཤོག།མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ཡོངས་སྨིན་ཤོག །དཔག་ཡས་ཞིང་ཁམས་རྒྱ་མཚོ་ཡོངས་སྦྱངས་ཤོག།སྤངས་རྟོགས་ཡེ་ཤེས་རྒྱ་མཚོ་མངོན་གྱུར་ཤོག །རབ་འབྱམས་ཕྲིན་ལས་རྒྱ་མཚོ་ལྷུན་འགྲུབ་ཤོག།ཕན་བདེ་ལེགས་རྒུའི་རྒྱ་མཚོས་ཡོངས་འགེངས་ཤོག །སྲིད་ཞིའི་དཔལ་ཡོན་རྒྱ་མཚོ་ཀུན་ཁྱབ་ཤོག། ཞེས་པ་འདི་ཡང་མཛམ་གླིང་ནུབ་ཕྱོགས་ཀྱི་ཡུལ་གྱི་བྱེ་བྲག་ཕིན་ལནྜི་(Finland)ཞེས་པའི་རྒྱལ་ཁབ་ཏུ་བོད་བརྒྱུད་ནང་བསྟན་གྱི་རྟེན་གཞི་གསར་བསྐྲུན་བགྱི་སྐབས་བསྟན་དོན་བྱ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་ཚིག་ཐོལ་བྱུང་ཤར་མར་ཉིད་དུ་སྤྲུལ་སྐུ་གྲགས་པས་སོ།། དགེའོ། །
These are the essential events in Danakosha’s activities over the years for the benefit of sentient beings, and particularly for our country and world peace

 

 

 

 

Post a comment